加入收藏 | 联系我们
 
 
  现在的位置: 玛沁新闻网领导活动
起航新征程 奋进正当时 ——在全县三级干部会议上的讲话
来源: 玛沁新闻网
发布时间: 2021-03-09 09:12:45
编辑: 玛沁县新闻网

  起航新征程 奋进正当时

  ——在全县三级干部会议上的讲话

  (2021年3月8日)

  熊元来

  同志们:

  

在这特殊的年份、历史的交汇点,我们召开全县三级干部会议,主要任务是以习近平新时代中国特色社会主义思想为指导,动员和号召全县上下以闻令而动的政治自觉全面贯彻落实党的十九届五中全会、省委十三届九次全会及州委十二届十次全会精神,沿着目标,围绕部署,进一步把各级干部的共识凝聚起来,思想统一起来,价值体现出来,作用发挥出来,以人民至上的公仆情怀,一锤接着一锤敲,一件接着一件做,努力让群众看到变化、得到实惠,努力让玛沁的发展更高质量、更可持续。
在刚刚召开的县委“十化”党建表彰大会上,我们从鲜花和掌声中感受到了一年来全县上下各级党组织、广大党员干部、基层群众为新玛沁建设所做的努力和付出,享受到了那份沉甸甸、来之不易的成绩和荣誉,更是体会到了建功“十四五”的那份责任与担当。在迎接建党百年华诞之际,办好玛沁的事情,关键在党,关键在人。我们要在传承中汲取力量,在拼搏中坚定信念,在奋起中勇往直前。
赓续光荣传统
2021年7月1日,中国共产党将迎来百年华诞。近百年来,中国共产党立志于民族复兴的千秋伟业,领导中国革命、建立新中国、实行改革开放,朝气蓬勃,始终走在时代前列,展现出百年大党奋斗不止、风华正茂、永葆年轻的新姿态、新气象。
人无精神则不立,国无精神则不强。红色精神是中华民族繁荣昌盛不竭的力量源泉,也是我们党的巨大政治优势。我们党在民主革命时期形成了红船精神、井冈山精神、古田会议精神、遵义会议精神、长征精神、延安精神等;新中国成立后,形成了抗美援朝精神、大庆精神、红旗渠精神等;改革开放新时期,形成了九八抗洪精神、抗击“非典”精神、抗震救灾精神、抗疫精神等。这些精神凝结着老一辈革命家和新时代共产党人的艰辛探索和责任担当,沉淀着无数革命先烈的赤胆忠诚与奋斗牺牲,是我们赓续光荣传统、走向未来的强大动力,也是中国共产党行稳致远的重要因素,共同构成我们党在前进道路上战胜各种困难和风险、不断夺取新胜利的强大精神力量和宝贵精神财富。
伟大的时代,需要精神的引领。迈进新时代,站在新起点,全县广大党员干部要传承红色精神,发扬红色传统,汇聚和激发玛沁人民的磅礴伟力,为实现第二个一百年奋斗目标、实现中华民族伟大复兴的中国梦提供玛沁精神动力。每一种文明都延续着一个国家和民族的精神血脉,既需要薪火相传、代代守护,更需要与时俱进、勇于创新。
在青海,无论是开路精神、小高岭精神、两弹一星精神、尕布龙精神、“五个特别”青藏高原精神、玉树抗震救灾精神,还是“站在昆仑之巅、守望全国和世界的登高望远精神,交往交流交融、不断融入全国和世界发展格局的自信开放精神,维护民族团结、保护绿水青山、造福全国和世界的团结奉献精神,把握新时代新要求、激励新担当新作为的不懈奋斗精神”的新青海精神,都是青海人民用热血和汗水创造出的一个个宝贵财富,凝结成了一部青海奋斗史,激励着一代又一代青海人走向全国走向世界。
在玛沁,在中国共产党的坚强领导下,一代又一代的玛沁人民用汗水和心血践行着信念坚定、方向正确、道路自信的爱国精神,以干部健康指数换来群众幸福指数的奉献精神,艰苦不怕吃苦、缺氧不缺精神的实干精神,善于创新、敢于比超的拼搏精神,在建设富裕文明和谐美丽新玛沁的征程中熔铸了独一无二的玛沁精神,实现了由“地理高地”向“精神高地”的华丽转身。今天,我们总结党的百年辉煌历史,重温那些红色精神,就是想激励和鼓舞全县广大党员干部和各族群众传承历史、传承精神,发扬历史、发扬传统,在建功“十四五”的征程中敢为人先、争创一流,让玛沁的各项事业点上出彩,线上开花,面上结果。
浓墨书写华章
“物有甘苦,尝之者识;道有夷险,履之者知”。过去的一年殊为不易,极不平凡。面对新冠肺炎疫情严重冲击以及国内外复杂严峻形势,全县上下以习近平新时代中国特色社会主义思想为指导,大力弘扬新青海精神,紧握实干之笔,饱蘸思想之墨,挥洒智慧汗水,交出了一份有份量、有特色、沉甸甸的优异答卷。
一年来,我们同心协力、创新推进,坚持以习近平新时代中国特色社会主义思想为指导,认真贯彻落实党的十九大和十九届二中、三中、四中、五中全会精神,增强“四个意识”、坚定“四个自信”、做到“两个维护”,认真贯彻落实党中央及省州委各项决策部署,以“十化”党建为引领,“六稳”工作持续推进,“六保”任务全面落实,奋力夺取了脱贫攻坚大决战最后胜利,“十三五”规划圆满收官,全面建成小康社会取得历史性成就,答好了疫情防控“加试题”,交出了脱贫攻坚“满分卷”。
一年来,我们精准施策、均衡普惠,围绕高质量发展,回应人民对美好生活期盼,抓实脱贫攻坚与乡村振兴的有效衔接,抓牢产业与就业两条民生主线,彻底改写了绝对贫困历史,高效应对了新冠疫情影响,深度激发了提质发展动能,持续提升了生态环境质量,极大提高了民生保障水平,巩固发展了良好政治生态,成功打造了响亮党建品牌,城镇居民和农村居民人均可支配收入分别达到3.85万元和1.28万元。
一年来,我们勇争一流、竞相迸发,县委团结带领一班人和全县广大党员干部群众一道冲锋在前、同频共振、合拍共鸣,各项成绩硕果累累、激荡人心。先后斩获全国脱贫攻坚先进集体、全国村庄清洁行动先进县、全国文明村镇、全国基层电影服务先进集体、全国“十三五”美丽搬迁安置区、国家义务教育质量检测实施县级优秀组织单位等多项国家及全省脱贫攻坚先进集体等多项省级集体荣誉表彰,涌现出了全国劳动模范、全国脱贫攻坚先进个人等先进典型。
一年来,我们压茬拓展、纵深推进,“十化”党建引领基层社会治理撑出枝丫、蔚然成林,国旗飘起来了,党徽亮起来了,群众跟着党员动起来了,村容旧貌换新颜,文明新风扑面来,感念党恩成为玛沁百姓的行动自觉,国旗是最好的“护身符”,共产党是最稳的“靠山”成为玛沁干部群众的一致共识,玛沁草原一片红,各项事业蒸蒸日上,群众生活幸福和谐。
砥砺奋进正当时
“民为邦本,政在养民”。近百年来,中国共产党始终牢记初心使命,为群众谋福祉,中华民族实现了从站起来、富起来到强起来的伟大飞跃。百年大党的成功经验弥足珍贵,我们党之所以能始终走在时代前列,重要的经验就是始终坚持人民至上,不断维护好、实现好、发展好最广大人民的利益。全县广大党员干部要始终把为民造福作为最重要的政绩,涵养人民至上的深厚情怀,走好新时代党的群众路线,把为民办了多少好事、实事作为检验政绩的重要标准,切实把人民安居乐业、安危冷暖放在心上,用心用情用力解决群众关心的就业、教育、社保、医疗、住房、养老、食品安全、社会治安等实际问题,一件一件抓落实,一年接着一年干,努力让群众看到变化、得到实惠,以实干实绩赢得群众的信赖和支持。
“为政之要,莫先于用人”。这是千百年来治国理政的智慧。人才是成败的关键,这是我们党革命、建设、改革的重要经验和一贯主张。对于一个有着9000多万党员的大党,每一个党员都是这个最大同心圆中的一个子集,一荣俱荣、一损俱损。只有凝聚起每个党员的正向合力,才能发挥出最大科学执政的能力。在这一点上,我们是最有发言权的。在“十化”党建的实践中,我们充分发挥每一个基层党组织的战斗堡垒作用,全面引导发动群众参与生产生活各项工作,使群众成为基层治理的真正主力,在村级事务中形成“班子带着党员干、党员带着群众干、群众之间比着干”的工作氛围,有效凝聚起了全县上下共担当、抓落实的干事创业强大合力。全县上下要保持这种作风,发挥好干部这个决定因素,运用好群众这个重要力量,为乡村振兴、社会治理提供深远而且持久的内生动力,不断拓展想干事、能干事、干成事的干事创业氛围。
“学而时习之,不亦说乎”。中国共产党依靠学习走到今天,也必然要依靠学习走向未来。干好当下事,关键是要有一身硬本领。只有善于学习,才能善于进步。作为新时代的党员干部,我们要有不进则退的危机意识,要有知识不足、本领不足、能力不足的紧迫感,在理论武装上坚持“学而时习之”,要全面系统学、及时跟进学、深入思考学、联系实际学,勤于学、敏于思,坚持博学之、慎思之、明辨之、笃行之,以学益智,以学修身,以学增才,坚持问计于民,在群众中放下身段,老老实实做学生,甘拜群众为师,学习真知识,增强真能力,练就真本领,做到“告诸往而知来者”。基层是个广阔的舞台,其中不乏优秀同志,有群众工作的好手,有致富带富的能手,有妙笔生花的硬手,不论是哪方面的才能,如果党员干部能真正做到见贤思齐,定能有所收获。当下,我们基层干部队伍整体素质良莠不齐,也会存在个别党员干部干事不实、作风不实等问题,这就要求我们“见不贤而内自省”,努力“出淤泥而不染”。只有这样,党员干部才能在繁杂的基层事务间游刃有余,成为多面手,做到“君子不器”。
“先行其言,而后从之”。新时代是干出来的,人民是干的主体,干部是干的骨干。“士不可以不弘毅,任重而道远”,我们每个共产党人都肩负着人民群众的期望,肩负着实现“两个百年目标”的梦想,不可谓不“任重而道远”。因此,我们每个党员都应该培养自己宏大、刚强、坚毅的品质,用这种品质完成我们的工作,以坚忍不拔的毅力完成党和人民赋予我们的神圣使命。当下,脱贫成效巩固、乡村振兴、产业发展、撤县设市、生态保护、社会治理都是摆在我们面前需要一个一个去攻克的堡垒,实现“十四五”时期发展目标,注定过程一定会万般艰辛。前路漫漫,道阻且长,行则将至,做则必成,只要我们沿着党中央和省州委确定的方向目标砥砺前行,只要我们拿出面对困难和挑战时的无限勇气,深化巩固“十化”党建工作成果,毫不保留地贡献自己的智慧和才干,坚持用改革的手段破解一切艰难险阻,坚持用创新的方式推动全面发展,就一定能够将蓝图变成现实,变成玛沁高质量发展的辉煌成果。
同志们,“天行健,君子以自强不息”。我们应为有伟大的中国共产党带领我们进行伟大事业而骄傲,为身处伟大时代、担负伟大事业而幸运,为玛沁高质量发展贡献自己力量而幸福。让我们不忘初心、牢记使命,带着责任、带着使命、带着信心,担当历史、建功历史、书写历史、无愧历史,同心同德把玛沁建设得更加美好!

  ལམ་བུ་གསར་པར་སྐྱོད་མགོ་ཚུགས། ཧུར་བསྐྱེད་བྱེད་པ་དུས་སུ་བབས།

  རྫོང་ཡོངས་ཀྱི་རིམ་གསུམ་ལས་བྱེད་པའི་གྲོས་ཚོགས་ཐོག་གི་གསུང་བཤད།

  (2021ལོའི་ཟ་3ཚེས་8ཉིན།)

  ཞུང་ཡོན་ལའེ།

  


བློ་མཐུན་རྣམ་པ།
དམིགས་བསལ་ལོ་དང་ལོ་རྒྱུས་ཀྱི་འབྲེལ་མཚམས་འདི་རུ། ང་ཚོས་རྫོང་ཡོངས་ཀྱི་རིམ་གསུམ་ལས་བྱེད་པའི་གྲོས་ཚོགས་འཚོགས་པ་ཡིན་ལ། ལས་འགན་གཙོ་བོ་ནི་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པས་མཛུབ་སྟོན་བྱས་ཏེ། རྫོང་ཡོངས་ཀྱི་གོང་འོག་ཚང་མས་བཀའ་ཐོས་ལུས་འགུལ་གྱི་ཆབ་སྲིད་རང་རྟོགས་ལ་བརྟེན་ནས་ཏང་གི་སྐབས་བཅུ་དགུ་པའི་ཀྲུང་བསྐོས་ཚང་ཚོགས་ཐེངས་ལྔ་པ་དང་། ཞིང་བསྐོས་སྐབས་བཅུ་གསུམ་པའི་ཚང་ཚོགས་ཐེངས་དགུ་པ། ཁུལ་བསྐོས་སྐབས་བཅུ་གཉིས་པའི་ཚང་ཚོགས་བཅུ་བ་བཅས་ཀྱི་དགོངས་དོན་ལྟར། དམིགས་ཚད་ལ་ཕྱོགས་ཏེ་བཀོད་འདོམས་ལ་གཞིགས་ནས། གོམ་གང་མདུན་སྤོས་ཀྱིས་རིམ་པ་སོ་སོིའ་ལས་བྱེད་པའི་མཚུངས་ཤེས་གཅིག་སྡུད་དང་བསམ་བློ་གཅིག་གྱུར། རིན་ཐང་མངོན་མཚོན། བྱེད་ནུས་འདོན་སྤེལ་སོགས་བྱས་ཏེ། མི་དམངས་བླ་ན་མེད་པའི་སྤྱི་ཞབས་པའི་བརྩེ་སེམས་ལ་བརྟེན་ཞིང་། ཐོ་ཤུལ་ཐོ་རྡེག་དང་གཅིག་རྗེས་གཉིས་མཐུད་ངང་བྱ་བ་བསྒྲུབས་ཏེ། ཧུར་ཐག་གིས་མང་ཚོགས་ལ་འགྱུར་ལྡོག་མཐོང་ཐུབ་པ་དང་ཕན་པ་དངོས་ཐོབ་པར་འབད་བརྩོན་བྱས་ལ། ཧུར་ཐག་གིས་རྨ་ཆེན་གྱི་འཕེལ་རྒྱས་དེ་སྔར་ལས་རྒྱུ་སྤུས་མཐོ་ཞིང་སྔར་ལས་རྒྱུན་མཐུད་ཐུབ་པར་བྱས།
འཚོགས་མ་ཐག་པའི་རྗོང་བསྐོས་ཀྱི་ཏང་འཛུགས“ཅན་བཅུའི”གཟེངས་བསྟོད་ཚོགས་འདུའི་ཐོག ང་ཚོས་མེ་ཏོག་དང་ཐལ་སྒྲའི་ཁྲོད་ནས་ལོ་གཅིག་གི་རིང་རྫོང་ཡོངས་ཀྱི་རིམ་པ་སོ་སོའི་རྩ་འཛུགས་དང་རྒྱ་ཆེའི་ཏང་ཡོན་ལས་བྱེད་པ། གཞི་རིམ་མང་ཚོགས་བཅས་ཀྱིས་རྨ་ཆེན་འཛུགས་སྐྲུན་གྱི་ཆེད་དུ་འབད་པ་དང་སྐྱེས་འབུལ་བྱས་པ་ཚོར་ཐུབ་ལ། ཐོབ་པར་དཀའ་བའི་གྲུབ་འབྲས་དང་མཚན་སྙན་དེ་ལོངས་སུ་སྤྱད་པ་ཡིན། ལྷག་པར་དུ“ལྔ་བཅུ་བཞི་བར”བྱས་རྗེས་འཇོག་འདོད་ཀྱི་འགན་འཁྲི་དང་ཐེག་ཁུར་དེ་རལ་མྱོང་བྱེད་ཐུབ། ཏང་གི་ལོ་བརྒྱའི་སྐྱེས་སྐར་བསུ་ལ་ཉེ་བའི་སྐབས་འདིར། རྨ་ཆེན་གྱི་བྱ་བ་ལེགས་སྒྲུབ་བྱེད་པར་འགག་རྩ་ཏང་ལ་ཐུག་ཅིང་འགག་རྩ་མི་ལ་ཐུག་ཡོད། ང་ཚོས་སྲོལ་རྒྱུན་གྱི་ཁྲོད་ནས་སྟོབས་ཤུགས་བསྡུས་ཤིང་། འབད་འཐབ་ཀྱི་ཁྲོད་ནས་བློ་སྤོབས་བསྐྱེད་དེ། ཧུར་བརྩོན་གྱི་ཁྲོད་ནས་ཞུམ་མེད་མདུན་སྐྱོད་བྱེད་དགོས།
གཟི་འབར་སྲོལ་རྒྱུན་རྒྱུན་དུ་བསྟུད།
2021ལོའི་ཟླ7ཚེས1ཉིན་ནི་ཀྲུང་གོ་གུང་ཁྲན་ཏང་དབུ་བརྙེས་ནས་ལོ་ངོ་བརྒྱ་ལོན་པའི་དུས་ལ་འཁེལ། ཉེ་བའི་ལོ་བརྒྱའི་རིང་ཀྲུང་གོའི་གུང་ཁྲན་ཏང་གིས་མི་རིགས་བསྐྱར་དར་གྱི་དུས་གཏན་བྱ་གཞག་རླབས་པོ་ཆེར་གཞོལ་ནས། ཀྲུང་གོའི་གསར་བརྗེ་ལ་མགོ་ཁྲིད་དང་། ཀྲུང་གོ་གསར་བ་འཛུགས་སྐྲུན། བསྒྱུར་བཅོས་སྒོ་འབྱེད་དངོས་བསྟར་བཅས་བྱས་ཏེ། སྐྱེ་སྟོབས་ཀྱི་དཔལ་འབར་ཞིང་། ཐོག་མཐའ་བར་གསུམ་དུ་དུས་རབས་ཀྱི་མདུན་གྲལ་དུ་བསྐྱོད་ནས། ལོ་བརྒྱའི་ཏང་ཆེན་པོའི་འབད་འཐབ་ཀློད་མེད། ལང་ཚོ་དར་བབ། དར་བ་རྒུད་མེད་བཅས་གྱི་རྣམ་པ་དང་རང་གཤིས་མངོན་པར་བྱས།
མི་ལ་སྙིང་སྟོབས་མེད་ན་རྐང་མི་ཚུགས། རྒྱལ་ལ་སྙིང་སྟོབས་མེད་ན་སྲིད་མི་དར། དམར་པོའི་སྙིང་སྟོབས་ནི་ཀྲུང་ཧྭ་མི་རིགས་དར་རྒྱས་གོང་འཕེལ་ཡོང་བའི་འཛད་མཐའ་མེད་པའི་སྟོབས་ཤུགས་ཀྱི་འབྱུང་ཁུངས་ཡིན་ལ། རང་རེའི་ཏང་གི་ཆེས་ཆེ་བའི་ཆབ་སྲིད་ཁྱད་བབ་ཀྱང་ཡིན། དམངས་གཙོའི་གསར་བརྗེའི་དུས་སྐབས་སུ་རང་རེའི་ཏང་ལ་གྲུ་གཟིངས་དམར་པོའི་སྙིང་སྟོབས་དང་། ཅིན་ཀང་རི་བོའི་སྙིང་སྟོབས། ཀུའུ་ཐེན་གྲོས་ཚོགས་ཀྱི་སྙིང་སྟོབས། ཙུན་དབྱི་གྲོས་ཚོགས་ཀྱི་སྙིང་སྟོབས། རྒྱང་སྐྱོད་ཀྱི་སྙིང་སྟོབས། ཡན་ཨན་གྱི་སྙིང་སྟོབས་སོགས་ཆགས་ཡོད་ཅིང་། ཀྲུང་ག་གསར་བ་བཙུགས་རྗེས། མེ་འགོག་ཁྲོ་རོགས་སྙིང་སྟོབས་དང་། ཏ་ཆིན་སྙིང་སྟོབས། ཧོང་ཆས་ཆིའི་སྙིང་སྟོབས་སོགས་དང་། བཅོས་བསྒྱུར་སྒོ་འབྱེད་ཀྱི་དུས་རབས་གསར་བར་གོ་བརྒྱད་ལོའི་ཆུ་བྲུག་སྔོན་འགོག་སྙིང་སྟོབས་དང་། “ཚུལ་མིན་གློ་ཚད”འགོག་པའི་སྙིང་སྟོབས ཡོམ་འགོག་གནོད་སེལ་གྱི་སྙིང་སྟོབས། རིམས་ནད་འགོག་བཅོས་ཀྱི་སྙིང་སྟོབས་སོགས་གྲུབ་ཡོད། སྙིང་སྟོབས་དེ་དག་གི་ཁྲོད་དུ་གསར་བརྗེ་རྒན་རབས་པ་དང་དུས་རབས་གསར་པའི་གུང་ཁྲན་ཏང་མིས་དཀའ་སྤྱད་འཚོལ་ཞིབ་དང་འགན་འཁྲི་འཁུར་ཕོད་འདུས་ཡོད་ལ། གསར་བརྗེའི་སྔོན་བྱོན་གྲངས་མེད་པའི་བློ་དཀར་སེམས་དཀར་དང་འབད་འབུངས་སྙིང་སྟོབས་ཀྱང་བསིང་ཡོད་པས། ང་ཚོས་གཟི་འབར་སྲོལ་རྒྱུན་རྒྱུན་བསྟུད་དང་། དུས་རབས་གསར་བར་མདུན་བསྐྱོད་ཀྱི་སྒུལ་ཤུགས་ཆེན་པོ་ཡིན་ལ། ཀྲུང་གོ་གུང་ཁྲན་ཏང་བརྟན་སྐྱོད་རིང་ཕྱིན་གྱི་རྒྱུ་རྐྱེན་འགངས་ཆེན་ཡང་ཡིན། དེ་དག་ནི་ང་ཚོའི་ཏང་མདུན་སྐྱོད་ཀྱི་ལམ་དུ་དཀའ་ཁག་དང་ཉེན་ཁ་སྣ་ཚོགས་ལས་ཡོལ་ཞིང་རྒྱལ་བ་དང་། བསྟུད་མར་རྒྱལ་ཁ་ལོན་པའི་སྙིང་སྟོབས་ཀྱི་སྟོབས་ཤུགས་ཆེན་པོ་དང་རིན་ཐང་ཆེ་བའི་བསམ་བློའི་གཅེས་ནོར་ཡིན།
རླབས་ཆེན་གྱི་དུས་རབས་ལ་སྙིང་སྟོབས་ཀྱི་སྣེ་ཁྲི་དགོས། དུས་རབས་གསར་བར་ཆས་ཤིང་། ཆས་མགོ་གསར་པར་འགྲེངས་དུས། རྫོང་ཡོངས་ཀྱི་རྒྱ་ཆེའི་ཏང་ཡོན་ལས་བྱེད་པས་གསར་བརྗེའི་སྙིང་སྟོབས་རྒྱུན་འཛིན་བྱས་ཤིང་། གསར་བརྗེའི་སྲོལ་རྒྱུན་དར་སྤེལ་བྱས་ཏེ། རྨ་ཆེན་མི་དམངས་ཀྱི་བརྗིད་རྔམ་ཆེ་བའི་སྟོབས་ཤུགས་གཅིག་སྒྲིལ་དང་སྐུལ་སློང་བྱས་ནས། ལོ་བརྒྱ་གཉིས་པའི་འབད་འཐབ་དམིགས་འབེན་མངོན་འགྱུར་དང་། ཀྲུང་ཧྭ་མི་རིགས་བསྐྱར་དར་ཀྱི་རླབས་ཆེན་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་བྱེད་ཕྱིར་རྨ་ཆེན་གྱི་བསམ་པའི་སྒུལ་ཤུགས་འདོན་སྤྲོད་བྱེད་དགོས། དཔལ་ཡོན་རེ་རེས་རྒྱལ་ཁབ་གཅིག་དང་མི་རིགས་གཅིག་གི་སྙིང་སྟོབས་ཀྱི་ཁྲག་རྒྱུན་རྒྱུན་མཐུད་བྱེད་གྱིན་ཡོད་པས། རྒྱུད་མ་གཅིག་མཐུད་ཀྱིས་རབས་ནས་རབས་དུ་སྲུང་སྐྱོབ་དགོས་ལ། དུས་བསྟུན་མདུན་སྐྱོད་དང་གསར་གཏོད་བློ་སྤོབས་ཀྱང་དགོས།
མཚོ་སྔོན་དུ་ཡང་ལམ་འབྱེད་སྙིང་སྟོབས་དང་། ཞོ་ཀའོ་ལིང་གི་སྙིང་སྟོབས། འབར་མདེལ་གཉིས་དང་འཁོར་སྐར་གཅིག་གི་སྙིང་སྟོབས། སྐལ་བཟང་གི་སྙིང་སྟོབས། མཚོ་བོད་ས་མཐོའི་དམིགས་བསལ་ལྔ་ཡི་སྙིང་སྟོབས། ཡུལ་ཤུལ་གྱི་ཡོམ་འགོག་གནོད་སེལ་སྙིང་སྟོབས་བཅས་དང་། ཡང་ན“ཁུ་ནུ་རི་བོའི་རྩེ་མོར་ལངས་ནས། རྒྱལ་ཡོངས་དང་འཛམ་གླིང་ལ་ལྟ་སྲུང་བྱེད་པའི་སྙིང་སྟོབས་དང་། འགྲོ་འོང་དང་། སྤེལ་རེས། མཉམ་འདྲེས་བཅས་ཀྱི་སྒོ་ནས་རྒྱལ་ཡོངས་དང་འཛམ་གླིང་འཕེལ་རྒྱས་ཀྱི་རྣམ་པ་དང་རྒྱུན་ཆད་མེད་པར་མཉམ་འདྲེས་བྱེད་པའི་འབད་འཐབ་ལྷོད་མེད་ཀྱི་སྙིང་སྟོབས། མི་རིགས་མཐུན་སྒྲིལ་ལ་སྲུང་སྐྱོང་དང་། རི་ལྗངས་ཆུ་དྭངས་ལ་སྲུང་སྐྱོབ། རྒྱལ་ཡོངས་དང་འཛམ་གླིང་མཐུན་སྒྲིལ་ལ་སྐྱེས་འབུལ་གྱི་སྙིང་སྟོབས། དུས་རབས་གསར་བའི་རེ་འདུན་གསར་བ་ཁོངས་ཆུད་དང་ཐེག་ཁུར་གསར་བ་དང་ལས་སྤྱོད་གསར་བ་ལ་འབད་འབོངས་ལྷོད་མེད་ཀྱི་སྙིང་སྟོབས”སོགས་མཚོ་སྔོན་གསར་པའི་སྙིང་སྟོབས་དེ་དག་ཚང་མ་མཚོ་སྔོན་མི་དམངས་ཀྱི་ཁྲག་དྲོན་དང་རྔུལ་ཆུ་ལས་གྲུབ་པའི་རྩ་ཆེའི་རྒྱུ་ནོར་ཡིན་པས། མཚོ་སྔོན་གྱི་འབད་འཐབ་ལོ་རྒྱུས་སུ་གྲུབ་ཡོད་ལ། མཚོ་སྔོན་གྱི་མི་རབས་རེ་རེ་བཞིན་རྒྱལ་ཡོངས་དང་འཛམ་གླིང་དུ་སྙེགས་པའི་སྐུལ་མ་རུ་ཡང་གྲུབ་ཡོད།
རྨ་ཆེན་དུ་ཀྲུང་གོའི་གུང་ཁྲན་ཏང་གི་སྲ་བརྟན་མགོ་ཁྲིད་འོག མི་རབས་ནས་མི་རབས་ཀྱི་རྨ་ཆེན་མི་དམངས་ཀྱིས་རྔུལ་ཆུ་དང་ཁྲག་རྒྱུན་ལ་བརྟེན་ནས་དད་སེམས་བརྟན་པོ་དང་། ཁ་ཕྱོགས་ཡང་དག འགྲོ་ལམ་རང་རྟོན་བཅས་ཀྱི་རྒྱལ་གཅེས་སྙིང་སྟོབས་དང་། ལས་བྱེད་པའི་བདེ་ཐང་དན་གྲངས་ལ་བརྟེན་ནས་མང་ཚོགས་ཀྱི་བདེ་སྐྱིད་དན་གྲངས་ཐོབ་པའི་སྐྱེས་འབུལ་སྙིང་སྟོབས། དཀའ་སྡུག་ལ་མི་སྐྲག་པ་དང་དབྱང་དབུགས་མི་འདང་ཡང་སྙིང་སྟོབས་མི་ཉམས་པའི་དངོས་སྒྲུབ་སྙིང་སྟོབས། གསར་གཏོད་ལ་མཁས་ཤིང་འགྲན་བསྡུར་ལ་སྤོབས་པའི་འབད་བརྩོན་གྱི་སྙིང་སྟོབས་བཅས་ཀྱིས། འབྱོར་ཕྱུགས་འཆམ་མཐུན་མཛེས་སྡུག་གི་རྨ་ཆེན་གསར་བ་འཛུགས་སྐྲུན་གྱི་བརྒྱུད་ལམ་ཁྲོད་གཉིས་སུ་མེད་པའི་རྨ་ཆེན་སྙིང་སྟོབས་ཞུན་རྡུང་བྱས་ཡོད་ལ། ས་གཤིས་ཀྱི་མཐོ་ས་ནས་སྙིང་སྟོབས་ཀྱི་མཐོ་སར་ཕྱིན་པའི་ཉམས་འགྱུར་གྲུབ་ཡོད། དེ་རིང་ང་ཚོས་ཏང་གི་ལོ་བརྒྱའི་འོད་སྟོང་འཕྲོ་བའི་ལོ་རྒྱུས་ལ་ཕྱོགས་སྡོམ་བྱས་ནས། གསར་བརྗེའི་སྙིང་སྟོབས་དེ་དག་བསྐྱར་དྲན་བྱས་པ་ནི། རྫོང་ཡོངས་ཀྱི་རྒྱ་ཆེའི་ཏང་ཡོན་ལས་བྱེད་པ་དང་། རིགས་སོ་སོའི་མང་ཚོགས་ཀྱིས་ལོ་རྒྱུས་རྒྱུད་འཛིན་དང་སྙིང་སྟོབས་རྒྱུད་འཛིན། ལོ་རྒྱུས་དར་སྤེལ། སྲོལ་རྒྱུན་དར་སྤེལ་སོགས་ལ་སྐུལ་མ་གཏོང་འདོད་ཡིན། “ལྔ་བཅུ་བཞི་བར”བྱས་རྗེས་འཇོག་པའི་བརྒྱུད་རིམ་ཁྲོད་གཞན་གྱི་སྔོན་ལ་སྐྱོད་པ་དང་། རྩེ་རབས་གསར་གཏོད་བྱས་ཏེ་རྨ་ཆེན་གྱི་བྱ་གཞག་ཐམས་ཅད་གནས་སུ་འོད་འབར་ཞིང་ལམ་དུ་མེ་ཏོག་བཀྲ་ལ་ངོས་སུ་སུ་གྲུབ་འབྲས་སྨིན་པར་བྱེད་དགོས།
སྨྱུག་ལམ་གཙང་མས་རྩོམ་རྩལ་ངོམས།
“དོན་ལ་སྐྱིད་སྡུག་ཡོད་པ་མྱོང་མཁན་གྱིས་ཤེས། ལམ་ལ་གཤོང་འབུར་ཡོད་པ་སོང་མཁན་གྱིས་ཤེས” འདས་ཟིན་པའི་ལོ་དེ་ནི་ལས་སླ་མོ་ཞིག་མིན་ལ་སྤྱིར་བཏང་བ་ཞིག་ཀྱང་གཏན་ནས་མིན། བྲོག་དབྱིབས་གློ་ཚད་རིམས་ནད་ཀྱི་ཕོག་ཐུག་ཚབས་ཆེན་དང་དེ་བཞིན་རྒྱལ་ཁབ་ཕྱི་ནང་གི་རྙོག་འཛིང་ཆེ་ཞིང་ཛ་དྲག་ཆེ་བའི་གནས་བབ་ལ་ཁ་གཏད་ནས། རྫོང་ཡོངས་ཀྱི་གོང་འོག་ཚང་མས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པས་མཛུབ་ཁྲིད་བྱས་ཤིང་། མཚོ་སྔོན་གསར་པའི་སྙིང་སྟོབས་དར་སྤེལ་ཤུགས་ཆེར་བཏང་སྟེ། དངོས་གཉེར་གྱི་གསེར་སྨྱུག་དམ་དུ་བཟུང་ཞིང་། བསམ་བློ་ཡི་མཚལ་སྣག་ཞུན་མར་བརྡར་ཏེ། བློ་གྲོས་ཀྱི་དངུལ་ཆུ་གཅལ་དུ་བཀྲམ་ནས། ལྕིད་ཚད་ལྡན་ཞིང་ཁྱད་ཆོས་འབར་བའི་རྒྱུགས་གཞི་ཞིག་སྤྲད་པ་ཡིན།
ལོ་གཅིག་གི་རིང་ང་ཚོས་སེམས་ཤུགས་གཅིག་སྒྲིལ་དང་གསར་གཏོད་སྐུལ་སྤེལ་བྱས་ནས། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པས་མཛུབ་སྟོན་རྒྱུན་འཁྱོངས་བྱས་ཏེ། ཏང་གི་ཚོགས་ཆེན་བཅུ་དགུ་པ་དང་སྐབས་བཅུ་དགུ་པའི་ཀྲུང་བསྐོས་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པ་དང་། གསུམ་པ། བཞི་པ། ལྔ་པ་བཅས་ཀྱི་དགོངས་དོན་ལག་བསྟར་དོན་འཁྱོལ་ནན་ཏན་བྱས་ཏེ། “འདུ་ཤེས་བཞི་”ཆེར་གཏོང་དང་།“རང་རྟོན་བཞི་”སྲ་བརྟན།“སྲུང་སྐྱོང་གཉིས་”ཤུགས་སྐྱེད་བཅས་བྱས། ནན་ཏན་སྒོས་ཏང་ཀྲུང་དབྱང་དང་ཞིང་ཁུལ་བསྐོས་ཀྱི་ཇུས་ཆོད་བཀོད་འདོམས་ལག་བསྟར་བྱས་ནས། ཏང་འཛུགས“ཅན་བཅུ”ཡིས་སྣེ་ཁྲིད་བྱས་ཤིང་། “བརྟན་དྲུག”བྱ་བ་བསྟུད་མར་མདུན་འདེད་བྱས་ཏེ། “སྲུང་དྲུག” ལས་འགན་ཡོངས་སུ་འགྲུབ་པ་དང་། སྟོབས་ཤུགས་གང་ཡོད་ཀྱིས་དབུལ་ཐརམཁྲེགས་གཏོར་གྱི་ཐག་གཅོད་དམག་འཐབ་ཆེན་པོའི་མཐའ་མའི་རྒྱལ་ཁ་བླངས། “ལྔ་བཅུ་གསུམ་པའི”འཆར་འགོད་ཡོངས་སུ་མཇུག་བསྒྲིལ་བ་དང་། འབྱོར་འབྲིང་སྤྱི་ཚོགས་ཁྱོན་ཡོངས་ནས་འཛུགས་སྐྲུན་ལེགས་གྲུབ་བྱེད་པར་ལོ་རྒྱུས་ཀྱི་རང་བཞིན་ལྡན་པའི་གྲུབ་འབྲས་ཐོབ། རིམས་ནད་སྔོན་འགོག་ག“སྣོན་རྒྱུགས”བྲིས་ཤིང་། དབུལ་ཐར་མཁྲེགས་གཏོར་གྱི“སྐར་ཡོངས”བླངས།
ལོ་གཅིག་གི་རིང་ང་ཚོས་དམིགས་འཁེལ་ཇུས་བསྟར་དང་འདྲ་མཉམ་ཕན་སྐྱེལ་བྱས་ཏེ། རྒྱུ་སྤུས་མཐོ་བའི་འཕེལ་རྒྱས་ལ་དམིགས་ནས་མི་དམངས་ཀྱི་མཛེས་སྡུག་འཚོ་བ་ལ་རེ་བར་ཕྱིར་ལན་བཏབ། དབུལ་ཐར་མཁྲེགས་གཏོར་དང་ཡུལ་སྡེ་སྐྱར་དར་ཕན་ལྡན་གྱིས་སྦྲེལ་བ་དམ་འཛིན། ཐོན་ལས་དང་ལས་ཞུགས་ཀྱི་དམངས་ཚིས་གཙོ་ཐིགས་གཉིས་དམ་འཛིན་བཅས་བྱས་པས་ལྟོས་མེད་དབུལ་ཕོངས་ཀྱི་ལོ་རྒྱུས་གཏན་མེད་བྱས། བྲོག་གསར་རིམས་བབས་ཀྱིས་ཤུགས་རྐྱེན་ལ་གདོང་གཏུག་བྱས། སྤུས་འདེགས་འཕེལ་རྒྱས་ཀྱི་སྒུལ་ཤུགས་ལ་སྐུལ་འདེད་གཏིང་ཟབ་ཐོབ། སྐྱེ་ཁམས་ཁོར་ཡུག་གི་རྒྱུ་སྤུས་བསྟུད་མར་མཐོར་འདེགས་བྱས། དམངས་ཚིས་འགན་སྲུང་ཆུ་ཚད་ཆེ་རུ་སྐྱེད། ཆབ་སྲིད་ཀྱི་སྐྱེ་ཁམས་ལེགས་པོ་སྲ་བརྟན་དང་དར་སྤེལ་བྱས། གྲགས་ཆེའི་ཏང་འཛུགས་སྤུས་རྟགས་ཀྱི་རྡུང་སྐྲུན་ལེགས་འགྲུབ་བྱུང་། གྲོང་རྡལ་སྡོད་དམངས་དང་ཞིང་སྡེའི་སྡོད་དམངས་ཀྱི་མི་རེའི་བཀོལ་འཐུས་ཡོང་འབབ་སོ་སོར་སྒོར་ཁྲི3•85དང1•28དུ་སོན།
ལོ་གཅིག་གི་རིང་ང་ཚོས་དང་རྩེ་བརྩོན་ལེན་དང་ཧུར་འབད་མདུན་སྐྱོད་བྱས། རྫོང་བསྐོས་ཀྱིས་མགོ་ཁྲིད་ཚན་ཁག་དང་རྫོང་ཡོངས་ཀྱི་རྒྱ་ཆེའི་ལས་བྱེད་མང་ཚོགས་ལ་མཐུན་སྒྲིལ་བྱས་ནས་མཉམ་གཅིག་ཏུ་སྔོན་དུ་མདུན་སྐྱོད་དང་། མཉམ་དུ་ཧུར་འབད་བྱས་པའི་འབྲས་བུ་གཡུར་དུ་ཟ་ཞིང་མི་སེམས་སྤོབས་པས་ཁེངས། སྔ་གཞུག་ཏུ་རྒྱལ་ཡོངས་དབུལ་ཐར་མཁྲེགས་གཏོར་སྔོན་ཐོན་ཐུན་མོང་། རྒྱལ་ཡོངས་གྲོང་ཚོ་གཙང་དག་བྱ་འགུལ་སྔོན་ཐོན་རྫོང་། རྒྱལ་ཡོངས་དཔལ་ཡོན་སྡེ་གྲོང་། རྒྱལ་ཡོངས་གཞི་རིམ་གློག་བརྙན་ཞབས་ཞུའི་སྔོན་ཐོན་ཐུན་མོང་། རྒྱལ་ཡོངས“ལྔ་བཅུ་གསུམ་པའི”གནས་སྤོ་བཀོད་འཇོག་ཁུལ། རྒྱལ་ཁབ་འོས་འགན་སློབ་གསོ་རྒྱུ་སྤུས་བཤེར་དཔྱད་དངོས་འབེབ་ལས་རྫོང་རིམ་ཕུལ་བྱུང་རྩ་འཛུགས་ལས་ཁུངས་སོགས་རྒྱལ་ཁབ་དང་ཞིང་ཆེན་གྱི་དབུལ་ཐར་མཁྲེགས་གཏོར་སྔོན་ཐོན་ཐུན་མོང་གི་བྱ་དགའ་མང་པོ་ཐོབ།
ལོ་གཅིག་གི་རིང་ང་ཚོས་གནོན་ཤུགས་གྱེས་སྐྱེད་དང་གཏིང་ཟབ་མདུན་འདེད་བྱས་པས“ཅན་བཅུའི”ཏང་འཛུགས་ཀྱིས་གཞི་རིམ་སྤྱི་ཚོགས་བཅོས་སྐྱོང་ལ་སྨྱུ་གུ་འབུས་ཤིང་ནགས་མོ་འབར། རྒྱལ་དར་སྐྱོད་ཅིང་ཏང་རྟགས་གསལ་བར་བྱས་པས། མང་ཚོགས་ཏང་ཡོན་གྱི་རྗེས་སུ་དེད་ནས་སྡེ་རྙིང་རྣམ་པ་གསར་བར་བསྒྱུར། དཔལ་ཡོན་སྤྱོད་གསར་གདོང་ལ་འཕོས། ཏང་དྲིན་དྲན་པ་རྨ་ཆེན་འབངས་ཀྱི་བྱ་སྤྱོད་དུ་གྲུབ། རྒྱལ་དར་ནི་ཆེས་བཟང་བའི“སྲུང་འཁོར་”དང་གུང་ཁྲན་ཏང་ནི་ཆེས་བརྟན་པའི“རྒྱབ་རི”ཡིན་པར་རྨ་ཆེན་གྱི་ལས་བྱེད་དང་མང་ཚོགས་ལ་ངོས་འཛིན་གཅིག་མཐུན་ཐོབ་ནས་རྨ་ཆེན་རྩྭ་ཐང་ཕྱོགས་ཀུན་དམར། ལས་དོན་མཐའ་དག་དར་ཞིང་རྒྱས། མང་ཚོགས་བདེ་སྐྱིད་འཆམ་མཐུན་གནས།
ཧུར་བསྐྱེད་བྱེད་པ་དུས་སུ་བབས།
“དམངས་ནི་རྒྱལ་གྱི་གཞི་མ་ཡིན། སྲིད་ཀྱི་ཕུགས་རྩེ་དམངས་ཀྱི་སྐྱིད།”ལོ་ངོ་བརྒྱ་ལྷག་གི་རིང་། ཀྲུང་གོ་གུང་ཁྲན་ཏང་གིས་དུས་ནམ་ཀུན་ཏུ་ཐོག་མའི་སེམས་འདུན་དང་བསྐུལ་འགན་ཡིད་ལ་བཅངས་ཏེ་དམངས་ལ་བདེ་སྐྱིད་བཙལ་བ་དང་། ཀྲུང་ཧྭ་མི་རིགས་ཡར་ལ་བཞེངས་བ་ནས་ཕྱུག་ལ་ཆགས་པའི་རླབས་ཆེན་འཕུར་སྐྱོད་མངོན་འགྱུར་བྱས། ལོ་བརྒྱའི་ཏང་ཆེན་གྱི་ཉམས་མྱོང་ལ་བླ་ལྷག་གི་རིན་ཐང་ལྡན། ང་ཚོའི་ཏང་དུས་ཀུན་ཏུ་དུས་རབས་ཀྱི་མདུན་དུ་འགོམ་ནུས་པ་ལ་གལ་ཆེ་བའི་ཉམས་མྱོང་ཡོད་པ་ནི། དུས་ཀུན་ཏུ་མི་དམངས་བླ་རུ་བཟུང་ཞིང་། རྒྱ་ཆེའི་མང་ཚོགས་ཀྱི་ཁེ་ཕན་བསྟུད་མར་སྲུང་སྐྱོང་གང་ལེགས་དང་། མངོན་འགྱུར་གང་ལེགས། འཕེལ་རྒྱས་གང་ལེགས་བྱས་པས་རེད། རྫོང་ཡོངས་ཀྱི་རྒྱ་ཆེའི་ཏང་ཡོན་དང་ལས་བྱེད་པས་དུས་ཀུན་ཏུ་མི་དམངས་ལ་བདེ་སྐྱིད་སྐྲུན་པ་དེ་ཆེས་གལ་ཆེ་བའི་སྲིད་འབྲས་སུ་ཤེས་ཤིང་། མི་དམངས་བླ་མེད་ཀྱི་བརྩེ་སེམས་ཟབ་མོ་གསོས་ནས། དུས་རབས་གསར་བའི་ཏང་གི་མང་ཚོགས་ལམ་ཕྱོགས་ལེགས་པར་སྤེལ་ཏེ། དམངས་ལ་དོན་བཟང་དང་དོན་དངོས་བསྒྲུབ་པ་སྲིད་འབྲས་ཞིབ་བཤེར་གྱི་གལ་ཆེའི་ཚད་གཞི་རུ་བཀོད། དོན་དངོས་ཀྱིས་མི་དམངས་ཀྱི་བདེར་གནས་ལས་སྤྲོ་དང་། བདེ་སྡུག་འཁྱག་ལྟོག་སེམས་སུ་བཏག་ནས། བརྩེ་སེམས་དང་སྟོབས་ཤུགས་ཡོད་དགུས་མང་ཚོགས་ཀྱིས་སེམས་ཁུར་བྱེད་པའི་ལུས་ཞུགས་དང་། སློབ་གསོ། སྤྱི་ཚོགས་འགན་སྲུང་། སྨན་བཅོས། སྡོད་ཁང་། རྒན་གསོ། ཟས་རིགས་བདེ་འཇགས། སྤྱི་ཚོགས་བདེ་སྐྱོང་སོགས་དོན་དངོས་གནད་དོན་རྣམས་རེ་རེ་བཞིན་དངོས་འབེབ་དམ་འཛིན་དང་། ལོ་ནས་ལོར་མཐུད་ཀྱིས་བསྒྲུབ་སྟེ། ཧུར་ཐག་གིས་མང་ཚོགས་ལ་འགྱུར་ལྡོག་མཐོང་ཞིང་། ཁེ་ཕན་ཐོབ་དུ་བཅུག་ནས། དངོས་སྒྲུབ་དངོས་ཕན་གྱིས་མང་ཚོགས་ཀྱི་ཡིད་ཆེས་དང་རྒྱབ་སྐྱོར་ལོན་པར་བྱས།
“སྲིད་སྐྱོང་བ་ལ་མི་བཀོལ་གཅེས།”འདི་ནི་ལོ་ངོ་བརྒྱ་སྟོང་གི་རིང་རྒྱལ་སྐྱོང་སྲིད་འཛིན་གྱི་བློ་གྲོས་ཡིན་ལ། འཇོན་མི་ནི་ལེགས་འགྲུབ་ཡོང་མིན་གྱི་འགག་རྩ་ཡང་ཡིན། འདི་ནི་རང་རེའི་ཏང་གི་གསར་བརྗེ་དང་། འཛུགས་སྐྲུན། བཅོས་བསྒྱུར་བཅས་ཀྱི་གལ་ཆེའི་ཉམས་མྱོང་དང་དུས་ཀུན་གྱི་ལྟ་བ་ཡིན། ཏང་ཡོན་བྱེ་བ་དགུ་ལྷག་ཡོད་པའི་ཏང་ཆེན་ཞིག་ལ་མཚོན་ན། ཏང་ཡོན་རེ་རེ་ནི་གོར་ཆེན་དེ་ཡི་ནང་གི་ཐིགས་པ་ཉག་གཅིག་ཡིན། གཅིག་དར་ཀུན་དར་དང་། གཅིག་གུད་ཀུན་གུད་ཡིན་པས། ཏང་ཡོན་རེ་རེའི་དྲང་ཕྱོགས་བསྲེས་ཤུགས་ཐམས་ཅད་གཅིག་ཏུ་བསྐྱེད་ན། ད་གཟོད་ཆེས་ཆེ་བའི་ཚན་རིག་སྲིད་བསྟར་གྱི་ནུས་པ་འདོན་སྤེལ་བྱེད་ཐུབ། གནད་འགག་འདིའི་ཐད་ནས་ང་ཚོ་ལ་ཆེས་ཆེ་བའི་བརྗོད་དབང་དང་ལྡན་ཏེ། “ཅན་བཅུའི”ཏང་འཛུགས་ཀྱི་ལག་ལེན་ཁྲོད། ང་ཚོས་ཧུར་ཐག་གིས་གཞི་རིམ་ཏང་གི་རྩ་འཛུགས་སོ་སོའི་འཐབ་འཛིང་བཙན་རྫོང་གི་བྱེད་ནུས་འདོན་སྤེལ་བྱས་ཤིང་། ཕྱོགས་ཡོངས་ནས་མང་ཚོགས་ལ་སྣེ་ཁྲིད་དང་སྐུལ་སློང་བྱས་ཏེ་ཐོན་སྐྱེད་འཚོ་བའི་བྱ་བ་ཐམས་ཅད་ལ་ཞུགས་ནས། མང་ཚོགས་གཞི་རིམ་བཅོས་སྐྱོང་གི་དོན་དངོས་གཙོ་ཤུགས་སུ་བསྒྱུར། སྡེ་རིམ་ལས་དོན་གྱི་ཁྲོད་དུ“མགོ་ཁྲིད་ཀྱིས་ཏང་ཡོན་ཁྲིད་དེ་སྒྲུབ། ཏང་ཡོན་གྱིས་མང་ཚོགས་ཁྲིད་དེ་སྒྲུབ། མང་ཚོགས་ཀྱིས་ཕན་ཚུན་འགྲན་ཏེ་སྒྲུབ་པའི”བྱ་བའི་ངང་ཚུལ་གྲུབ་པས། རྫོང་གི་གོང་འོག་ཡོངས་ཀྱིས་ཁུར་པོ་མཉམ་ཁུར་དང་དངོས་འབེབ་དམ་འཛིན་བྱེད་པའི་དངོས་སྒྲུབ་ལས་གཏོད་ཀྱི་བསྲེས་ཤུགས་ཆེན་པོ་གྲུབ། རྫོང་གི་གོང་འོག་ཀུན་གྱིས་ལས་སྤྱོད་འདི་ཉིད་རྒྱན་འཁྱོངས་དང་། ལས་བྱེད་ཀྱི་ཐག་གཅོད་རྒྱུ་རྐྱེན་ལེགས་འདོན། མང་ཚོགས་ཀྱི་གལ་ཆེའི་སྟོབས་ཤུགས་ལེགས་སྤྱོད་བཅས་བྱས་ནས། ཡུལ་སྡེ་དར་རྒྱས་དང་སྤྱི་ཚོགས་བཅོས་སྐྱོང་ལ་ཟབ་ཅིང་རིང་ལ་དུས་ཡུན་རིང་བའི་ནང་སྐྱེས་སྒུལ་ཤུགས་འདོན་སྤྲོད་བྱས་ཏེ། མུ་མཐུད་དུ་ལས་སྒྲུབ་འདོད་པ་དང་། ལས་སྒྲུབ་ནུས་པ། ལས་སྒྲུབ་འགྲུབ་པ་བཅས་ཀྱི་ལས་སྒྲུབ་ལས་གཏོད་ཀྱི་ངང་ཚུལ་མཁོ་འདོན་བྱེད་དགོས།
“བསླབ་ནས་སྐྱར་དུ་སྦྱང་བ་དེ་སྐྱིད་ཅིག་མ་ཡིན་ནམ།” ཀྲུང་གོ་གུང་ཁྲན་ཏང་ནི་སློབ་སྦྱོང་ལ་བརྟེན་ནས་དེ་རིང་དུ་ཐོན་པ་ཡིན་ལ། ངེས་པར་དུ་སློབ་སྦྱོང་ལ་བརྟེན་ནས་མ་འོངས་པར་སྐྱོད་དགོས། དེང་གི་བྱ་བ་ལེགས་པར་སྒྲུབ་པ་ལ་འགག་རྩ་ནི་འཇོན་ནུས་མཁྲེགས་པོ་ཡོད་དགོས་པ་དེ་ཡིན། སློབ་སྦྱོང་ལ་འཇོན་ན་ད་གཟོད་ཡར་རྒྱས་ཡོད་སྲིད། དུས་རབས་གསར་བའི་ཏང་ཡོན་ལས་བྱེད་པ་ཡིན་པའི་ཆ་ནས། ང་ཚོ་ལ་མདུན་དུ་མ་སྐྱོད་ན་རྗེས་སུ་ལུས་སྲིད་པའི་ཉེན་ཁའི་འདུ་ཤེས་དང་། ཤེས་བྱ་ཡིས་མི་འདང་བ་དང་འཇོན་ཐང་གིས་མི་འདང་བ། ནུས་པ་ཡིས་མི་འདང་བ་བཅས་ཀྱི་བྲེལ་འཚུབ་འདུ་ཤེས་ཡོད་པར་བྱས་ནས། གཞུང་ལུགས་དྲག་ཆས་ཀྱི་ཐད“བསླབ་ནས་སྦྱོང་བ”རྒྱུན་འཁྱོངས་དང་། ཕྱོགས་ཡོངས་ཆ་ཚང་གིས་སློབ་པ། དུས་བསྟན་རྗེས་ཟིན་གྱིས་སློབ་པ། བསམ་གཞིག་གཏིང་ཟབ་ཀྱིས་སློབ་པ། དོན་དངོས་འབྲེལ་སྦྱོར་གྱིས་སློབ་པ་སོགས་བྱས་ཤིང་། སློབ་ལ་བརྩོན་པ་དང་། བསམ་པར་མཁས་པ་བྱེད་དགོས། རྒྱས་པར་སློབ་པ་དང་། གཟབ་ནས་གཞིག་པ། དངོས་ལ་བསྟར་བ་བཅས་རྒྱུན་འཁྱོངས་བྱས་ནས། བསླབ་པས་བློ་གྲོས་འཕེལ། བསླབ་པའི་བློ་སྦྱོང་ཐུབ། བསླབ་པས་འཇོན་པ་རྒྱས་པ་སོགས་བྱས་ཏེ། ཇུས་དམངས་ལ་འདྲི་བ་རྒྱུ་འཁྱུངས་དང་། དམངས་ཀྱི་དབུས་སུ་མཁྲེགས་ཚུགས་དོར་ཏེ་ཞུ་དུལ་ངང་སློབ་མ་བྱས་ནས། མང་ཚོགས་སློབ་དཔོན་དུ་བསྟེན་ཞིང་ཤེས་བྱ་རྣལ་མ་སྦྱང་བ། ནུས་པ་གཤའ་མར་ཤུགས་སྐྱེད་དང་འཇོན་ཐང་དག་མ་ཞུན་བརྡར་བཅས་བྱས་ནས “སྔ་རབས་ལབ་པས་རྗེས་མཐའ་མཐོང་པར”བྱེད་དགོས། གཞི་རིམ་ནི་རྒྱ་ཆེ་བའི་གར་སྟེགས་ཡིན། དེ་ན་ཕུལ་དུ་བྱུང་བའི་བློ་མཐུན་མི་ཉུང་བ་ཡོད། མང་ཚོགས་ཀྱི་བྱ་བ་སྒྲུབ་པའི་རིག་ལྡན་ཡོད། ཕྱུག་སྒྱུར་ཕྱུག་ཁྲིད་ཀྱི་ནུས་ལྡན་ཡོད། རྩོམ་རྩལ་གཤིས་བྱིན་པའི་སྨྱུག་འཛིན་པ་ཡང་ཡོད། ཕྱོགས་གང་གི་ཐད་ཀྱི་འཇོན་ཐང་ཡིན་རུང་གལ་སྲིད་ཏང་ཡོན་ལས་བྱེད་པས་དོན་དངོས་ཀྱིས་དེ་མཐོང་རྗེས་སྙེགས་ཐུབ་ན་ངེས་པར་དུ་ཐོབ་བྱ་ཡོད་ངེས། དེང་སྐབས་ང་ཚོའི་གཞི་རིམ་ལས་བྱེད་པའི་སྤྱི་ཆའི་བྱང་ཚད་བཟང་ངན་མཉམ་འདུས་ཡིན་ལ། ཏང་ཡོན་ལས་བྱེད་འགའ་རེར་ལས་སྒྲུབ་ཚུལ་མིན་དང་སྤྱོད་སྟངས་ཚུལ་མིན་སོགས་ཀྱི་གནད་དོན་ཡང་ཡོད་པས། དེ་ཡིས་ང་ཚོར“གཞན་སྐྱོན་མཐོང་བས་རང་རྒྱུད་གཙང་བར་བྱེད”པ་དང་། ཧུར་ཐག་གིས“འདམ་གྱི་པད་མོ་སྦག་གིས་མ་ཟིན་པར”བྱེད་དགོས་པའི་རེ་བ་བཏོན་ཡོད། དེ་ལྟར་བྱས་ན་ད་གཟོད་ཏང་ཡོན་ལས་བྱེད་པ་སྙོག་འཛིང་ཆེ་བའི་གཞི་རིམ་ལས་དོན་གྱི་ཁྲོད་གང་སྒྲུབ་དེ་འགྲུབ་དང་གང་བསྟན་དེར་གོམས་ཡིན་པ་ལས། “དཔའ་བོ་ལག་རྡུམ”དུ་འགྱུར་མི་སྲིད།
“སྔོན་ལ་རང་གི་འདོད་ཚུལ་སྒྲུབ། དེ་ནས་བསྒྲུབ་པ་གཞན་ལ་བཤད།” དུས་རབས་གསར་བ་ནི་བསྒྲུབ་ནས་ཐོབ་པ་ཡིན། མི་དམངས་ནི་ལས་སྒྲུབ་ཀྱི་གྲུབ་གཙོ་ཡིན། ལས་བྱེད་ནི་ལས་སྒྲུབ་ཀྱ་རྐང་འཛིན་ཡིན། “ཁྱེད་ལ་ལས་ལྕི་འགན་ཆེ་བས། ནམ་ཡང་རྒྱང་མཐོང་སྤོབས་པ་གཅེས” ང་ཚོ་གུང་ཁྲན་ཏང་མི་རེ་རེའི་འཕྲག་པར་མི་དམངས་མང་ཚོགས་ཀྱི་རེ་འདུན་ཁུར་ཡོད་ལ། “ལོ་བརྒྱ་གཉིས་ཀྱི་དམིགས་ཚད”ཀྱི་ཕུགས་འདུན་མངོན་འགྱུར་ཁུར་ཡོད་པས། ཅིས་ཀྱང“ཁྱེད་ལ་ལས་ལྕི་འགན་ཆེ་བ”ཁོ་ཐག་ཡིན། དེར་བརྟེན་ང་ཚོ་གུང་ཁྲན་ཏང་མི་ཚང་མས་རང་ཉིད་ཀྱི་རྒྱ་ཆེ་ཞིང་བློ་བརྟན་འགྱུར་མེད་ཀྱི་གཤིས་ཀ་སྐྱེད་སྲིང་བྱས་ཤིང་། གཤིས་ཀ་དེ་ཡིས་ང་ཚོས་བྱ་གཞག་ལེགས་འགྲུབ་བྱས་ཏེ། འགྱུར་མེད་བློ་སྤོབས་ཀྱིས་ཏང་དང་མི་དམངས་ཀྱིས་སྤྲད་པའི་བླ་མེད་བསྐུལ་འགན་དེ་ཉིད་འགྲུབ་པར་བྱེད་དགོས། དེང་སྐབས་དབུལ་ཐར་གྲུབ་འབྲས་སྲ་བརྟན་དང་། ཡུལ་སྡེ་སྐྱར་དར། ཐོན་ལས་དར་སྤེལ། རྫོང་འདོར་གྲོང་འཛུགས། སྐྱེ་ཁམས་སྲུང་སྐྱོབ། སྤྱི་ཚོགས་བཅོས་སྐྱོང་སོགས་ཚང་མ་ང་ཚོའི་མདུན་དུ་ལྷག་པས། མཁྲེགས་རྫོང་རེ་རེ་བཞིན་གཏོར་དགོས་ལ། “ལྔ་བཅུ་བཞི་བའི”སྐབས་ཀྱི་འཕེལ་རྒྱས་དམིགས་ཚད་ཀྱང་འགྲུབ་དགོས་པས། བརྒྱུད་རིམ་དེ་ངེས་པར་དུ་དཀའ་ཚགས་དང་ལྡན་པ་ཞིག་ཡིན་སྲིད། མདུན་ལམ་རྒྱང་ཐག་རིང་ཞིང་གྱོག་ན་ཡང། སོང་ན་མི་ཐོན་བསྒྲུབ་ན་མི་འགྲུབ་མེད། ང་ཚོས་ཏང་ཀྲུང་དབྱང་དང་ཞིང་ཁུལ་བསྐོས་ཀྱིས་གཏན་འཁེལ་བྱས་པའི་ཁ་ཕྱོགས་དང་དམིགས་ཚད་དུ་ཧུར་ཐག་གིས་སྐྱོད་པ་དང་། དཀའ་ཁག་དང་འགྲན་སློང་ལ་གདོང་གཏུག་ཕོད་པའི་བློ་སྤོབས་བསྐྱེད་ནས། “བཅུ་ཅན”ཏང་འཛུགས་བྱ་བའི་གྲུབ་འབྲས་གཏིང་ཟབ་དང་། རང་ཉིད་ཀྱི་བློ་གྲོས་དང་འཇོན་ནུས་ལྷག་ལུས་མེད་པར་སྐྱེས་སུ་འབུལ་བ། བཅོས་བསྒྱུར་གྱི་བྱེད་ཐབས་སྤྱད་ནས་དཀའ་ཁག་ཐམས་ཅད་སེལ་བ། གསར་གཏོད་ཀྱི་རྣམ་པས་ཕྱོགས་ཡོངས་འཕེལ་རྒྱས་མདུན་འདེད་བཅས་བྱས་ན། ཇུས་གཞི་ངེས་པར་དུ་དོན་དངོས་སུ་སྒྱུར་སྲིད་ལ། རྨ་ཆེན་རྒྱུ་སྤུས་མཐོན་པོས་འཕེལ་རྒྱས་སུ་འགྲོ་བའི་འོད་འབར་གྲུབ་འབྲས་སུ་ཡང་འགྱུར་སྲིད།
བློ་མཐུན་རྣམ་པ། “འཁོར་འདས་འདུ་འགོད་རེས་མོས་ཉིད། དམ་པས་བརྩོན་པ་ཀློད་མི་བྱ”ང་ཚོས་རླབས་ཆེན་གྱི་ཀྲུང་གོ་གུང་ཁྲན་ཏང་གིས་ང་ཚོར་མགོ་ཁྲིད་བྱས་ནས་རླབས་ཆེན་ལས་དོན་སྒྲུབ་པར་ང་རྒྱལ་སྐྱེས་དགོས། རླབས་ཆེན་གྱི་དུས་རབས་འདིར་གནས་ཤིང་། རླབས་ཆེན་གྱི་ལས་དོན་འདི་སྒྲུབ་འགན་ཁུར་བར་ལས་བསོད་ཆེ་བར་སེམས་པ་དང་། རྨ་ཆེན་གྱི་རྒྱུ་སྤུས་མཐོ་བའི་འཕེལ་རྒྱས་ལ་རང་གི་སྟོབས་ཤུགས་འབུད་ཐུབ་པར་སྐྱིད་སྣང་ཡོད་དགོས། ང་ཚོས་ཐོག་མའི་སེམས་འདུན་མི་བརྗེད་ཅིང་། བསྐུལ་འགན་ཡིད་ལ་འཇགས་པར་བྱས་ཏེ། འགན་འཁྲི་འཕྲག་ཏུ་ཁུར། བསྐུལ་འགན་བརྒྱབ་ལ་བླངས། ཡིད་ཆེས་སེམས་སུ་བཅག་ཅིང་། ལོ་རྒྱུས་ལ་འགན་ཁུར། ལོ་རྒྱུས་ལ་སྐྱེསས་འབུལ། ལོ་རྒྱུས་འབྲི་བཞེངས། ལོ་རྒྱུས་ལ་ངོ་གནོང་མེད་པ་བཅས་བྱས་ནས། བློ་མཐུན་སེམས་མཐུན་གྱིས་རྨ་ཆེན་སྔར་ལས་མཛེས་པར་འཛུགས་སྐྲུན་བྱེད་དགོས།

相关新闻↓
    [ 返回首页 ] [ 打印 ] [ 关闭窗口 ]  
   
 
青海新闻网果洛州政府网玛沁县政府网青海省人民政府网青海旅游网人民网青海频道新华网青海频道中国藏族网通
青海羚网青海日报青海电视台青海广播电台青海法制报西海都市报西宁晚报海东时报
主办:中共玛沁县委宣传部 技术支持:青海新闻网 青ICP备19000163号-35